欢乐雪顿 - 巴顿
ཞོཊ་པ་སྔ་པོ་ཅིག་ནས།
རྨོ་བོ་ལགས་ཀྱིས་ཡར་ལོངས་ཟེར་གྱིས།
ངས་རྨོ་བོ་ལགས་ལ་ག་བར་འགྲོ་དགོས་རེད་ལབ་དུས།
ཁོང་གིས་དེ་རིང་ཞོ་སྟོན་རེད་གསུངས་བྱུང་།
བསངས་ཤིག་ཁྱེར་ནས་འབྲས་སྤུངས་སླེབས་བྱུང་།
འབྲས་སྤུངས་གོས་སྐུ་ཡིད་དབང་འཕྲོག་པ།
ཨ་ཙི་ཙི་ཙི། མི་འདི་དྲའི་མང་བ་ལ།
སྟོན་པའི་ཞལ་རས་བྱམས་བརྩེ་ཆེ་བ།
འཛམ་གླིང་ཞི་བདེའི་སྨོན་ལམ་བརྒྱབ་ཡོད།
ཨའི། ཞོ་སྟོན་བཀྲ་ཤིས་བདེ་ལེགས།
ཕེབས་ཤོག ཕེབས་ཤོག ཕེབས་ཤོག ཕེབས་ཤོག ཞོ་སྟོན་ལ་ཕེབས་ཤོག
ལྷ་ས། ལྷ་ས། ལྷ་ས། ལྷ་ས། སྐྱིད་པའི་ལྷ་སར་ཕེབས་ཤོག
ཝ་ཡི། ཁྱེད་རྣམ་པར་གསུ་བ་བཞུ།
ཉིན་དགུང་ནོར་བུ་གླིང་གར་སླེབས་བྱུང་།
ནོར་གླིང་ཕོ་བྲང་ལྟ་ན་སྡུག་པ།
འཚུབ་ཞིང་རྒྱག་པའི་སྤྲིའུ་རྣམས་ལ།
སྟེར་ཀག་ཕྱིན།
ལྷ་མོའི་རྔ་སྒྲ། དིང་དིང་དིང་ཚངས་ཚངས།
རྣམ་ཐར་གསུང་འདི་སྣ་བའི་བུ་རམ།
ཕ་མ་སྤུན་མཆེད་མཉམ་དུ་འཛོམས་བྱུང་།
གྲོགས་པོ་ལྷན་རྒྱས་ཧ་ཧ་ཧུ་ཧུ།
དུས་བཟང་དེ་ལ་མཉམ་དུ་འཛོམས་པ།
བརྩེ་སེམས་མ་འགྱུར་བརྟན་པར་བཞུཊ་རོགས།
ཨའི། ཞོ་སྟོན་ལ་བཀྲ་ཤིས་བདེ་ལེགས།